巴桑-故乡雪域
故乡雪域
词: 朗成
曲: 曲尔杰
唱: 巴桑
གནམ་སྔོ་ཞིང་སྤྲིན་དཀར་མཛེས།
ཆུ་དྭངས་བཞིན་ཉ་མོ་འཁྱུག
རི་བོ་མཐོ་ཞིང་གཏེར་ཁ་མང་།
མཁའ་རླུང་གཙང་ཞིང་ལུས་ཁམས་བདེ།
ཆོས་ཀྱི་སྒྲ་དབྱངས་འདི་ནས་སྒྲག་
ཀུན་གྱིས་ཡིད་འོང་དེ་ནས་འཕྲོག་
ཕ་ཡུལ་ལགས་ ཕ་ཡུལ་ལགས་
བསིལ་ལྡན་བསིལ་ལྡན་ཁ་བའི་ཁ་བའི་ལྗོངས།
ཁྱེད་ནི་ང་ཡི་སྐྱེས་ས་ཚར་ས་
ཁྱེད་ནི་ང་ཡི་ཕ་ཡུལ་དང་པོ་
ཁྱེད་ནི་ང་ཡི་མི་ཚེ་ཡིན།
བསིལ་ལྡན་བསིལ་ལྡན་ཁ་བའི་ཁ་བའི་ལྗོངས།
ཁྱེད་ནི་མེས་པོའི་རྣམ་ཤེས་འཁོར་ས་ཡིན།
ཁ་བཤད།
ཡ་ཁོ་རེ་
བསིལ་ལྡན་ཁ་བའི་ཡུལ་མཆོག་འདི་
ཨོ་ལོ་བདག་གི་ཕ་ཡུལ་ཡིན།
ཕྱུགས་རིགས་དཀར་ནག་ཁྱུ་ཚོགས་འདི།
བུ་ཆུང་ང་ཡི་གྲོགས་པོ་ཡིན།
ཟས་ལ་སྦྲང་དཀར་རྩམ་པ་དེ།
བུ་ཆུང་ང་ཡི་ཟས་རིགས་ཡིན།
ང་ཡི་སེམས་ཀྱི་གླུ་ཆུང་དེ་
མཛེས་པའི་ཕ་ཡུལ་ཕྱོགས་ལ་ལེན།
ཕ་ཡུལ་མངའ་ཐང་རྒྱས་པར་ཤོག་
ཕྱུགས་རིགས་ཤ་ཤེད་རྒྱས་པ་ཤོག
བང་མཛོད་འབྲུ་ཡིས་ཁེངས་པ་ཤོག
ཡ ་བཀྲ་ཤིས་ཤོག་
བཀྲ་ཤིས་ཤོག་
རྩྭ་ཐང་སྔོན་མོ་མུ་མཐའ་མེད།
རྟ་ནོར་ལུག་གསུམ་གྲངས་ལས་འདས།
དབྱར་དགུན་བདུན་བཞི་དྲོ་གྲང་སྙོམས།
བསིལ་ལྡན་བསིལ་ལྡན་ཁ་བའི་ཁ་བའི་ལྗོངས།
ཕོ་རྒོད་པའི་གཏམ་རྒྱུད་འདི་ནས་གླེང་།
མཛེས་མའི་ཡིད་འོང་དེ་ནས་འཁྲོག་
ཕ་ཡུལ་ལགས་ ཕ་ཡུལ་ལགས་
བསིལ་ལྡན་བསིལ་ལྡན་ཁ་བའི་ཁ་བའི་ལྗོངས།
ཁྱོད་ནི་ང་ཡི་སྐྱེས་ས་ཚར་ས་ཡིན།
ཁྱེད་ནི་ང་ཡི་ཕ་ཡུལ་དང་པོ།
ཁྱེད་ནི་ང་ཡི་མི་ཚེ་ཡིན་་
བསིལ་ལྡན་བསིལ་ལྡན་ཁ་བའི་ཁ་བའི་ལྗོངས།
ཁྱེད་ནི་མེས་པོའི་རྣམ་ཤེས་འཁོར་ས་ཡིན་
ཁ་བཤད་
་་་་་་་་་་་་་་་་
ཁྱེད་ནི་ང་ཡི་སྐྱེས་ས་འཚར་ས།
ཁྱེད་ནི་ང་ཡི་ཕ་ཡུལ་དང་པོ་
ཁྱེད་ནི་ང་ཡི་མི་ཚེ་ཡིན་
བསིལ་ལྡན་བསིལ་ལྡན་ཁ་བའི་ཁ་བའི་ལྗོངས།
བསིལ་ལྡན་བསིལ་ལྡན་ཁ་བའི་ཁ་བའི་ལྗོངས།
ཁྱེད་ནི་མེས་པོའི་་གནམ་གཤིས་འཁོར་ས་ཡིན།